Nyima Tso/Mutik ཉི་མ་འཚོའམ་མུ་ཏིག

Writer

Production Manager, Norbulingka Institute

Executive Secretary, Tibetan Writers Abroad PEN Centre (PEN TIBET)

Nyima Tso was born in Bora village near Amdo Labrang, currently based in India since coming into exile in 1999.

After completing high school, studied at Academy of Tibetan Culture, a higher Tibetan Studies Program at Norbulingka Institute in the year 2003, and completed Bachelors Degree in 2005 and Masters Degree in 2008.

Books Published:

-    Poetry ‘First Journey of This Life’, published in 2003

-    Collection of short stories – ‘A Fragment’, published in 2009. The first women’s story book in exile

-    Researched Report “Inter-Racial Marriage Policy”, published in 2013 by the Tibetan Women’s Association

-    A series of 24 books for Children, published in 2019

-    Editor of Mayum, A quarterly publication with articles by Tibetan women writers in exile.

 

 

ཉི་མ་འཚོ (མུ་ཏིག)

བོད་མདོ་སྨད་འབོ་ར་ནས་སྐྱེས། ད་ལྟ་རྒྱ་གར་ན་ཡོད།

སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བརྒྱུད་རྗེས་པེན་བོད་ཀྱི་རྩོམ་པ་པོི་མཐུན་ཚོགས་ཀྱི་དྲུང་ཆེ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྲོན་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་ཐོན་སྐྱེད་སྡེ་ཚན་ཁག་གི་འགན་འཛིན།

༼ཟམ་པ་༽དང་། ༼ནོར་རྒྱུན།༽༼མ་ཡུམ་༽ཚགས་པར་དང་དྲ་རྒྱ་བཅས་ཀྱི་རྩོམ་སྒྲིག་པའི་འགན་འཁུར།

རྩོམ་རིག་བརྩམས་ཆོས།

༢༠༠༣ལོར་༼མི་ཚེའི་འདིའི་འགྲུལ་ བཞུད་དང་པོ༽སྙན་ངག་ཕྱོགས་སྒྲིག་གི་དཔེ་དེབ་དཔར་སྐྲུན་བྱས།

༢༠༠༩ལོར་༼ཟུར་ཞིག་༽བརྩམས་སྒྲུང་ཕྱོགས་སྒྲིག་གི་དཔེ་དེབ་དཔར་སྐྲུན་བྱས་པ་བཙན་བྱོལ་ནང་གི་བུད་མེད་ ཀྱི་བརྩམས་སྒྲུང་དཔེ་དེབ་ཐོག་མ་ཡིན།

༢༠༡༠ལོ་ནས་༼མ་ཡུམ་༽ཚགས་པར་གསར་བཏོད་དང་རྩོམ་སྒྲིག་གིས་བོད་ཡིག་གི་བུད་མེད་རྩོམ་འབྲི་སྐྱེད་སྲིང་གི་ལམ་ཁ་བཙལ།

༢༠༡༣ལོར་༼བོད་ནང་གི་མི་རིགས་བསྲེས་ལྷད་༽སྐོར་ལ་ཞིབ་འཇུག་བྱས་པ་དབུས་བུད་མེད་ལྷན་ཚོགས་ནས་དཔར་སྐྲུན་བྱས།

༢༠༡༥ ལོར་བཙན་བྱོལ་བོད་ཀྱི་བྱིས་སྒྲུང་དང་བྱིས་དེབ་ཞིབ་འཇུག་དང་། སྤྱི་ཚོགས་ཀྱི་ཁ་སྐོང་དུ་རིམ་པ་བཞི་ལས་གྲུབ་པའི་བྱིས་པའི་སྒྲུང་དེབ་༣༢བོད་སྒྱུར་བྱས་པ་དང་། དེའི་ནང་ནས་དཔེ་དེབ་༢༤དཔར་སྐྲུན་ལེགས་པར་གྲུབ་ཏེ་བོད་དང་རྒྱ་གརབལ་ཡུལ་གཙོས་ཡོ་རོབ་དང་ཨ་རི། ཨོ་སི་ཁྲོ་ལི་ཡ་སོགས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་གང་སར་འགྲེམས་སྤེལ་བྱས་པ་བཅས།