Nangzey Min སྨིན་སྣང་མཛེས།

Writer

Dictionary Editor, Monlam IT Research Center

Min-Nangzey (སྨིན་སྣང་མཛེས།) is an emerging poet and essayist from Golok; she now lives in Dharamshala. She has published two books of collected poems and lyrics respectively: Princess of the Snow Mountain (གངས་རིའི་སྲས་མོ། 2006) and Songs of Emotions (ཚོར་བའི་གླུ 2015). 

སྨིན་སྣང་མཛེས། སྐྱེས་ཡུལ། མགོ་ལོག་སྨིན་ཐང་གི་འབྲོག་ཁྱིམ་ཞིག  

ལས་གནས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གསར་འགོད་པ་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་པ། 

བརྩམས་ཆོས་གཙོ་བོ།  སྙན་དེབ་<<གངས་རིའི་སྲས་མོ>>དང་།  གཞས་ཚིག་དེབ་ << ཚོར་བའི་གླུ>> 

འབྲེལ་ཡོད་བརྩམས་ཆོས།  སྔ་ཕྱིར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཐེངས་གཉིས་ལ་ཞུགས་ཤིང་། རྒྱུན་སྤྱོད་ཐ་སྙད་ཀྱི་གལ་ཆེའི་རང་བཞིན་དང་བོད་ཀྱི་ཐ་སྙད་ཀྱི་འབྱུང་ཁུངས་ཇི་ལྟར་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཞེས་པའི་དཔྱད་རྩོམ་སྒྲོགས་སྦྱང་བྱས། ༢༠༡༠ ལོའི་སྒྲོལ་མ་དུས་དེབ་ཀྱི་ཁ་བྱང་གཅིག་པའི་རྩོམ་ཡིག་<<གལ་ཏེ་བུད་མེད་རྣམས་ཀྱིས་གཅིག་སྒྲིལ་གྱི་སྟོབས་ཤུགས་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་ཕྱོགས་གཅིག་ཏུ་སྤུངས་ཐུབ་ན་དེའི་ནུས་པར་སུ་ཞིག་གིས་ཀྱང་འགྲན་མི་ནུས་>>ཞེས་པའི་བརྗོད་གཞིར་མཐོ་སློབ་ཨང་དང་པོའི་བྱ་དགའ་ཐོབ། དེ་མིན་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར། ཟིན་བྲིས་སོགས་སུ་སྙན་ངག་དང་སྒྲུང་རྩོམ། དཔྱད་རྩོམ་མི་ཉུང་བ་སྤེལ་མྱོང་ཞིང་། ཟམ་པ་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་མ་ཡུམ་ཚགས་པར་གྱི་རྐང་འཛིན་རྩོམ་པ་པོ་ཡང་བྱས་མྱོང་བ་བཅས་སོ།