Pema Tso/Chimay པདྨ་མཚོའམ་འཆི་མེད

Writer

Chimay (འཆི་མེད།) is a poet and Tibetan language teacher from Rebgong, Amdo. She has published two books of collected poems, The Dreams of the Moon ( ཟླ་བའི་རྨི་ལམ། 2012) and The Youth of Water (ཆུའི་ལང་ཚོ། 2016).

པདྨ་མཚོའམ་འཆི་མེད་ལགས་ནི། ༡༩༦༧ལོར་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། ༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་རྗེས་རེབ་གོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། ཞོར་དུ་བོད་ཁུལ་གྱི་དུས་དེབ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་ཀྱིས་མཚོན་པའི་དུས་དེབ་སྣ་ཚོགས་སྟེང《མེ་ཏོག་གངས་ལྷ》《ཟླ་བ》《འབྲི་མོ》སོགས་སྙན་རྩོམ་མི་ཉུང་བ་ཞིག་སྤེལ་མྱོང་། དེའི་ཁྲོད་《བརྩེ་དུངས་དང་ལས་དབང》ཞེས་པར་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པ་དང་། 《འབྲོག་ཁྱི》ཞེས་པར་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་མྱོང་འདུག གཞན། དུས་རབས21ཉེར་གཅིག་པའི་བོད་ཀྱི་རྩོམ་པོའི་དེབ་ཕྲེང་ཁྲོད་ཁོང་གི་ཆེད་དེབ《ཟླ་བའི་རྨི་ལམ》ཞེས་པ་དཔར་བསྐྲུན་བྱས་ཡོད་འདུག